ཤྭ་ཡུ་མོ་ཤེའུ།

བཀྲ་ཤིས་དབང་ཕྱུག་གང་ལ་བུད་ཐལ།

ཤྭ་ཡུ་མོ་ཤེའུ།

ཤྭ་ཡུ་མོ་ཤེའུ།

བཀྲ་ཤིས་དབང་ཕྱུག་པེ་ཅིན་ལ་བུད་ཐལ།

ཤྭ་ཡུ་མོ་ཤེའུ།

ཤྭ་ཡུ་མོ་ཤེའུ།

པེ་ཅིན་ལ་འགྲོ་དོན་ཅི་ཞིག་ཡིན་ཐལ།

ཤྭ་ཡུ་མོ་ཤེའུ།

ཤྭ་ཡུ་མོ་ཤེའུ།

སྐད་ཡིག་ཐོབ་ཐང་བཤད་གིན་བུད་ཐལ།

ཤྭ་ཡུ་མོ་ཤེའུ།

ཤྭ་ཡུ་མོ་ཤེའུ།

མི་རིགས་འདྲ་མཉམ་རྩོད་གིན་བུད་ཐལ།

ཤྭ་ཡུ་མོ་ཤེའུ།

གནད་དོན་འཛམ་བུ་གླིང་ལ་སྒྲོག་ཐལ།

རེ་འདུན་བརྙན་འཕྲིན་བཟོས་ནས་བཀྲམས་ཐལ།

ཤྭ་ཡུ་མོ་ཤེའུ།

སྐྱེ་རྒུ་མདོ་ནས་སྟོང་གསུམ་གྲགས་ཐལ།

ཁྲོམ་ཆེན་གྲལ་ནས་བཙོན་ལ་བཟུང་ཐལ།

མགོ་ནག་བོད་མིའི་དབང་ཐང་ཉམས་ཐལ།

བོད་རིགས་སྤུན་ཟླའི་བློ་སེམས་སྐྱོ་ཐལ།

ཤྭ་ཡུ་མོ་ཤེའུ།