༢༠༡༠་ལོ་ནས་བཟུང་སྟེ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དུ་ཆུ་མཛོད་ཅིག་འཛུགས་བསྐྲུན་བྱེད་བཞིན་པའི་རྐྱེན་གྱིས་དེ་གའི་ཡན་མོན་ཞང་དཔལ་སྤུངས་སྡེ་བ་དང་ཡང་བྲོ་སྡེ་བའི་ཡུལ་མི་རྣམས་ས་ཆ་གཞན་ལ་གནས་སྤོར་དགོས་བའི་གནད་དོན་བྱུང་། གང་ཡིན་ཞེ་ན་ཁོང་ཚོ་བསྡད་ཡོད་པའི་སྡེ་བ་དེ་ཆུས་བསྣུབ་ལ་ཉེ་བས་སོ། སྡེ་བ་གཉིས་ཀྱི་མང་ཚོགས་ཀྱིས་སྲིད་གཞུང་ནས་སྤྲད་པའི་གུན་ཚབ་ཉུང་དྲགས་པར་བསམ་ཞིང་།

ཁོང་ཚོ་གནས་སྤོར་སའི་ཚོ་དྲུག་སྡེ་བའི་མང་ཚོགས་ཀྱིས་ཀྱང་ཁོ་ཚོའི་ས་ཞིང་སྲིད་གཞུང་གིས་ཕྱི་མི་གནས་སྤར་ནས་ཡོང་མཁན་ལ་སྤྲད་ཏེ། ཚོ་དྲུག་གི་ཞིང་བར་དཔལ་འབྱོར་གྱི་གྱོང་རེག་གི་འདུག་ཅེས་བསམ་འཆར་བཤད།

གལ་ཏེ་སྡེ་མིའམ་གྲོང་མི་རྣམས་ས་གནས་གཞན་ལ་བཙན་སྤོར་བྱེད་དུ་བཅུག་པ་ཡིན་ན་ཤེས་དགོས་བའི་རྒྱལ་ཁབ་ཀྱི་གནད་འགག་ཅན་གྱི་ཁྲིམས་ལུགས་ཁག་ནི་གཤམ་དུ་གསལ་བ་འདི་དག་ཡིན།

༼རྒྱལ་ཁབ་ལ་དབང་བའི་ས་སྟེང་གི་ཁང་ཤག་གཞུང་བཞེས་དང་གུན་ཚབ་སྤྲོད་པའི་སྲོལ་ཡིག་༽གི་དོན་ཚན་༡་དང་༢་པ་ནང་དུ། དོ་བདག་ལ་འོས་འཚམས་ཀྱི་གུན་ཚབ་སྤྲོད་པ་དང་། དམངས་གཙོ་དང་བརྒྱུད་རིམ་དྲང་བདེན་གྱི་སྒོ་ནས་ཐག་གཅོད་བྱས་ཏེ། སྤྱི་ཕན་གྱི་ཆེད་དུ་གཞུང་བཞེས་བྱས་བའི་རྒྱུ་མཚན་དང་མཇུག་འབྲས་དོ་བདག་ཡོངས་ལ་ཤེས་ཚོར་བྱུང་གི་འཇུག་པ། དོན་ཚན་༨་པའི་ནང་དུ་སྤྱི་ཕན་གྱི་བྱ་གཞག་ནང་དུ་སྤྱི་སྤྱོད་རང་བཞིན་ཅན་གྱི་ཆུ་མཛོད་དང་ནུས་ཁུངས་འདུས། དོན་ཚན་༡༧་ནང་དུ། གུན་ཚབ་ཀྱི་རིན་པ་གཏོར་བཤིག་བཏང་བའི་ཁང་བའི་རིན་ཐང་དང་དོ་སྙོམས་དགོས་པ་དང་། གཞུང་བཞེས་བྱས་པའི་ཞིང་སའི་ཡོང་འབབ་དང་དོ་སྙོམས་དགོས། དོན་ཚན་༡༤་དང་༢༦་གི་ནང་དུ། བདག་དབང་འཛིན་མཁན་གྱིས་གུན་ཚབ་དང་ཁང་ཤག་བཤིག་བསྣུར་ལ་མོས་མཐུན་མ་བྱས་པ་ཡིན་ན། སྲིད་འཛིན་བསྐྱར་ཞིབ་དང་། ཡང་ན་སྲིད་འཛིན་གཏུག་བཤེར་བྱས་ན་ཆོག་ཅེས་འཁོད་ཡོད། རྩ་ཁྲིམས་དང་དམངས་ཁྲིམས་དང་དངོས་ཟོག་བདག་དབང་གི་ཁྲིམས། ས་ཞིང་འགན་གཙང་ལེན་བཅས་ཀྱི་ཁྲིམས་ཀྱི་ནང་དུ། ཡུལ་མིས་འགན་གཙང་ལེན་གྱི་གན་རྒྱ་བརྒྱུད་ནས་ཐོབ་པའི་ས་ཞིང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་དོན་ཚན་ཡོད་དེ། དཔེར་ན་རྩ་ཁྲིམས་ཀྱི་དོན་ཚན་༡༠་བའི་ཚན་པ་༣་པ་དང་དོན་ཚན་༡༣་པའི་ཚན་པ་༣་པ་བཅས་ཀྱི་ནང་དུ་སྤྱི་ཕན་གྱི་ཆེད་ཏུ་སྤྱི་དམངས་ཀྱི་ས་ཞིང་དང་དངོས་ཟོག་གཞུང་བཞེས་བྱ་དགོས་བྱུང་ཚེ་སྲིད་གཞུང་གིས་གིན་ཚབ་སྤྲོད་དགོས་ཞེས་གཏན་ལ་འཁེལ་ཡོད་པ་དང་། དམངས་ཁྲིམས་ཀྱི་དོན་ཚན་༨༠་དང་༨༡་པའི་ནང་དུ་ཡུལ་མིའི་ས་ཞིང་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད། དངོས་ཟོག་བདག་དབང་གི་ཁྲིམས་ཀྱི་དོན་ཚན་༡༢༥་ནང་དུའང་ཡུལ་མིས་འགན་གཙང་ལེན་བརྒྱུད་ནས་ཐོབ་པའི་ས་ཞིང་གི་བདག་དབང་ལ་སྲུང་སྐྱོབ་ཀྱི་དོན་ཚན་འཁོད་ཡོད། ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ཀྱི་དོན་ཚན་༩་བ་དང་༡༦་པའི་ནང་དུ་ས་ཞིང་འགན་གཙང་ལེན་གྱི་ཞིང་བའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་གཏན་འཁེལ་སོགས་བྱས་ཡོད། ས་ཞིང་དོ་དམ་གྱི་ཁྲིམས་ཀྱི་དོན་ཚན་༢་པའི་ཚན་པ་༤་བ་ནང་དུ་སྲིད་གཞུང་གིས་སྤྱི་ཕན་གྱི་ཆེད་དུ་ས་ཞིང་གཞུང་བཞེས་བྱེད་སྐབས་དོ་བདག་ལ་གུན་ཚབ་སྤྲོད་དགོས་ཞེས་པའི་གཏན་འབེབས་བྱས་ཡོད།

གྱོད་གཞི་འདི་ལས་དོ་སྣང་བྱ་དགོས་བའི་གནས་ཚུལ་གཞན། ལུང་འདེབས་ཀྱི་ཞིང་ས་ཐམས་ཅད་ཀྱི་ཡོང་འབབས་ངེས་གཏན་ཡིན་པ་དང་། ལུང་སྟོད་ཀྱི་ས་ཞིང་ནི་སྤྱི་ས་ནས་དབྱར་རྩྭ་བརྐོ་བ་སོགས་ལ་བེད་སྤྱོད་བྱས་ཏེ། བགོ་བཤའ་དང་ས་རྟགས་སོགས་ཧ་ཅང་འཐུས་ཚང་མིན། དེ་བས་ལུང་འདབས་ཀྱི་ཞིང་སའི་གུན་ཚབ་ཀྱི་རིན་གོང་མཐོ། ཚོ་དྲུག་སྡེ་བ་ལྟ་བུར་མཚོན་ན། གནས་སྤར་ནས་ཡོང་བའི་གནས་ཡོང་བ་དག་གིས་སྡེ་བའི་འབྲས་འདེབས་སའི་རི་མ་དེ་བདག་གིར་བཟུང་། རི་མ་དེ་དག་ནི་ལོ་རབས་༦༠་ནང་དུ་སྡེ་བའི་རྒན་རབས་རྣམས་ཀྱིས་མུ་གེ་འགོག་པའི་ཆེད་དུ་རྨོ་སྲོལ་གཏོད་པའི་ཞིང་ས་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་ཞིང་ས་དེ་དག་ལ་ཆ་སྙོམས་ལས་མཐོ་བའི་གུན་ཚབ་ཀྱི་རིན་གོང་སྤྲོད་དགོས། ས་གནས་སྲིད་གཞུང་གི་ལས་བྱེད་དང་སྡེ་བའི་ལས་བྱེད་སོགས་ཀྱིས་ཞིང་བར་སྤྲད་པའི་གུན་ཚབ་ཀྱི་དངུལ་སྒོར་ལྐོག་ཟ་བྱས་པའི་དབང་གིས། ཞིང་བའི་ལག་ཏུ་གུན་ཚབ་ཀྱི་དངུལ་སྒོར་ཆ་ཚང་འབྱོར་གི་མེད། ཚོ་དྲུག་སྡེ་བའི་ཡུལ་མི་མང་ཆེ་བ་ནི་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་་བོད་པ་ཡིན་པ་དང་། ཡན་མོན་གྱི་དཔལ་སྤུངས་དང་ཡང་བྲོ་སྡེ་བའི་ཡུལ་མི་མང་ཆེ་བ་ནི་ནང་བ་ཡིན། ཡུལ་མིའི་མཐུན་སྒྲིལ་ནི་གལ་ཆེན་ཡིན་ཞིང་། ཡུལ་སྐོར་ཚོང་ལས་ནི་ཡུལ་ཚོ་དེ་དག་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན་པས། ཁོང་ཚོས་རང་གི་རིག་གནས་ཀྱི་ངོ་བོ་བརླག་འགྲོ་བར་སེམས་ཁུར་བྱེད་ཀྱི་ཡོད།

 

གནས་སྤོར་བྱས་བའི་རྗེས་སུ། ཡན་མོན་གྱི་དཔལ་སྤུངས་དང་ཡང་བྲོ་ཡི་ཡུལ་མིར་གྲོང་མིའི་ཁྱིམ་ཐོ་ཞེས་བ་ཞིག་བྱིན་ནས། ཁོ་ཚོའི་ཞིང་སའི་བདག་དབང་མེད་པར་བཟོ་སྲིད་པ་རེད། ཆུ་མཛོད་འཛུགས་བསྐྲུན་གྱི་སྐབས་སུ། ནམ་རྒྱུན་འཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་གདེང་འཇོག་གི་སྙན་ཞུ་(环境影响评价报告)ཕུལ་གི་མེད། དཔེར་ན་བའོ་འུན་ལོང་ཆུ་མཛོད་བཟོ་སྐྲུན་གྱི་སྔོན་ཏུ་ཡང་འཁོར་ཡུག་ཕོག་ཐུག་གདེང་འཇོག་གི་སྙན་ཞུ་བྲིས་མེད། གྲོང་ཚོའི་ཡུལ་མིས་བེད་སྤྱོད་བྱས་བའི་ཐབས་ལམ་ནི་འདི་ལྟ་སྟེ། ༢༠༡༦་ལོའི་ཟླ་༡༠་བའི་ཚེས་༣༠་ཉིན། ཡན་མོན་དཔལ་སྤུངས་སྡེ་བས་ས་གནས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཅིང་། སྲིད་གཞུང་གི་གཞུང་ཞབས་དང་ངོ་ཐུག་ནས་ཁོང་ཚོས་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་སྲིད་གཞུང་ལ་ཞུས་མོད་སྲིད་གཞུང་གིས་ལན་ཅི་ཡང་བྱིན་མེད། ཚོ་དྲུག་སྡེ་བས་རྫོང་སྲིད་གཞུང་ལ་སྙན་ཞུ་ཞིག་བྲིས་ཡོད་ཀྱང་། སྲིད་གཞུང་གིས་སྡེ་བ་ཡོངས་ནས་ངོ་ཚབ་བཏང་ན་སྙན་ཞུར་བལྟ་གི་ཡིན་ཞེས་ལན་བཏབ་པ་རེད། ཡང་གྲོ་སྡེ་བས་སྲིད་གཞུང་གི་ཐག་བཅད་ལ་ངོ་རྒོལ་བྱས་ཡོད།

༢༠༡༦་ལོའི་ཟླ་༡༡་པའི་ཚེས་༡༦་ཉིན། ཡུལ་མི་ཁ་ཤས་ཀྱིས་ཆུ་མཛོད་འཛུགས་བསྐྲུན་བྱེད་མཁན་གྱི་རླངས་འཁོར་གསུམ་གཏོར། སྡེ་བའི་ཡུལ་མིར་ཉེན་རྟོག་པ་སོགས་ཀྱིས་ཉེས་རྡུང་བཏང་བའི་བརྙན་པར་ཀྱང་སྤྱི་ཚོགས་གསར་ལམ་ཁག་ལ་སྤེལ་བ་རེད། ཕྱི་ཉིན་སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་མི་༢༠་ལྷག་འཇུ་བཟུང་བྱས་ཤིང་། བཀག་ཉར་བྱས་ཏེ་ཁོང་ཚོས་སྤྱི་ཚོགས་ཀྱི་འགྲིག་ལམ་གཏོར་བརླག་བྱས་ཤིང་། སྲིད་གཞུང་གི་བཀའ་ལ་མ་བརྩིས་བ་ཡིན་ཟེར་ནས་ཉེས་འཛུགས་བྱས། ཚོ་དྲུག་སྡེ་བའི་ཞིང་སའི་ཕྱེད་ཀ་གནས་སྤར་ནས་ཡོང་བའི་ཡུལ་མི་གཞན་ལ་ཡང་བསྐྱར་བགོ་བཤའ་བྱེད་དགོས་བྱུང་། འཆར་གཞི་སྔོན་མ་ལྟར་ན་ཚོ་དྲུག་སྡེ་བའི་ཞིང་བ་རེའི་ས་ཞིང་མུའུ་རེར་རྒྱ་སྒོར་ཁྲི་༣་སྤྲོད་རྒྱུ་ཡིན་ཞེས་ཐག་བཅད་ཡོད་ཀྱང་། ཚོ་དྲུག་གིས་ངོ་རྒོལ་བྱས་མཐར། ཞིང་ས་མུའུ་རེར་རྒྱ་སྒོར་འབུམ་༡་གི་གུན་ཚབ་སྤྲོད་རྒྱུའི་ཐག་བཅད། ཡིན་ནའང་ས་གནས་སྲིད་གཞུང་གིས་བརྒྱ་ཆའི་༣༠་ལེན་པ་དང་། གུན་ཚབ་ཀྱི་ལྷག་མ་ལོ་༡༥་ནང་དུ་རིམ་གྱིས་ཡུལ་མིར་སྤྲོད་རྒྱུའི་གྲོས་ཆོད་བྱུང་།