༢༠༡༦ལོའི་ཟླ་༡༢་ཀྱི་ནང་དུ། བདེ་ཆེན་བོད་རིགས་སྐྱོང་ཁུལ་བདེ་ཆེན་རྫོང་ཆོས་ལུགས་དོ་དམ་ལས་ཁུངས་དང་རྫོང་སྤྱི་བདེ་ལས་ཁུངས་གཉིས་ཀྱིས་རྫོང་དེའི་དུས་འཁོར་དབང་ཆེན་ཞུ་མཁན་རྣམས་བཀག་འགོག་གི་ཆེད་དུ་སྲིད་འཛིན་བརྡ་སྦྱོར་གཤམ་དུ་གསལ་བ་འདི་ཁྱབ་བསྒྲགས་བྱས་པ་རེད་། སྲིད་འཛིན་རང་བཞིན་ལྡན་པའི་བརྡ་སྦྱོར་ཐུང་ཐུང་འདིའི་མགོ་ནས་མཇུག་བར་དུ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་བརྗོད་པའམ་ཚིག་དོན་གཅིག་ཀྱང་མེད། བརྡ་སྦྱོར་དེ་རྒྱལ་ཁབ་ཀྱི་ཁྲིམས་གང་དང་གང་ལ་འགལ་ཡོད་པ་དེ་གཤམ་དུ་རེ་རེ་བཞིན་ཏུ་བཀོད་ཡོད། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་ཞིང་སྲིད་གཞུང་གིས་ཁྲིམས་ལྟར་ལས་དོན་སྒྲུབ་དགོས་པའི་དེང་གི་དུས་སྐབས་

འདིར། བདེ་ཆེན་རྫོང་སྲིད་གཞུང་གིས་འདི་འདྲའི་མངོན་སུམ་འཛེམ་མེད་ཀྱི་སྒོ་ནས་སྤྱི་དམངས་ཀྱི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་རྩིས་མེད་དུ་གཏོང་བ་ནི་དངོས་ནས་གནད་དོན་ཚབས་ཆེན་ཞིག་ཡིན་པས་གནས་སྲིད་གཞུང་གིས་བརྡ་སྦྱོར་འདི་ཕྱིར་འཐེན་བྱེད་དགོས་པའི་གནས་ལ་ཐོན་ཡོད། 

 

kalafinalTib1

kala(final)Chinese