དགེ་སློང་ཞིག་ཡིན་ན། དེ་ལ་གཞན་གྱིས་གཤེ་ཡང་སླར་མི་གཤེ་བ་དང་། གཞན་གྱིས་བརྡེགས་ཀྱང་སླར་མི་བརྡེག་པའི་ཁྲིམས་ཡོད། འོན་ཀྱང་། འཇིག་རྟེན་ཁྱིམ་པ་ཞིག་ཡིན་ན། ཁྲིམས་དེ་མ་འཁུར་ནའང་ཆོག་པས་གཞན་ལ་གཤེ་རྡེག་བྱེད་པ་ནི་རང་གཞན་གཉིས་ལ་མཚོན་ན་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཏུ་གྱུར། ཉེ་ཆར། རྒྱ་ནག་གི་ཅང་སུའུ་ཞིང་ཆེན་ཁོང་ཧྲན་གྲོང་ཁྱེར་(昆山市)ནས་འགྲིམ་འགྲུལ་དོན་རྐྱེན་ཕྲན་ཚགས་ཤིག་གི་དོན་དུ་མི་གཅིག་གིས་གྲི་བཟུང་ནས་མི་གཞན་ཞིག་ལ་ཕར་བརྡེགས་ཀྱང་ལག་གི་གྲི་ཐང་ལ་ལྷུང་བ་དེ་ཕ་རོལ་པོས་ཐང་ནས་འཐུས་་ཏེ་རྡེག་མཁན་ལ་ཕར་བསྣུན་ཏེ་བསད། མང་ཚོགས་ཀྱི་སྐྱོན་བརྗོད་སོགས་ཀྱི་གནོན་ཤུགས་མ་ཐེག་པར་་སྤྱི་བདེ་ལས་ཁུངས་ཀྱིས་

གསོད་མཁན་ནི་ཚུལ་མཐུན་རང་སྲུང་(正当防卫)ཡིན་པས་ཉེས་པ་མེད་ཅེས་བསྒྲགས། ཉེས་ཁྲིམས་ཀྱི་དོན་ཚན་ ༢༠ པ་ཡི་ནང་དུ། རང་ཉིད་དང་འབྲེལ་ཐོགས་པའི་ལུས་དང་རྒྱུ་ནོར་སོགས་ཀྱི་ཐོབ་ཐང་ལ་གཞན་གྱིས་གནོད་འཚེ་བྱེད་པའི་སྐབས་ཐོག་ཏུ། གནོད་འཚེ་ཡི་བྱ་སྤྱོད་མཚམས་གཅོད་པའི་ཆེད་དུ་སྦྱོར་བ་བོ་ལ་སླར་བརྡེགས་ནས་གནོད་པ་བཟོས་ཚེ་དེ་ནི་ཚུལ་མཐུན་རང་སྲུང་ཡིན་པ་དང་ཕར་རྡེག་པ་པོ་ལ་ཉེས་དོན་གྱི་འགན་ཁུར་མེད། ཚུལ་མཐུན་རང་སྲུང་གི་ཚད་མངོན་གསལ་དུ་ཚད་ལས་བརྒལ་ཏེ་གནོད་པ་ཚབས་ཆེན་བཟོས་ཚེ། རང་སྲུང་བྱེད་མཁན་གྱིས་ཉེས་དོན་འགན་ཁུར་ངེས་པར་དུ་འཁུར་དགོས། འོན་ཀྱང་། ཉེས་ཆད་གཅོད་སྐབས་ངེས་པར་དུ་ཡང་བར་གཅོད་པའམ་ཆག་ཡངས་བྱེད་དགོས། གཞན་གྱིས་ཚུར་གསོད་པའམ་འཕྲོག་བཅོམ། བཙན་གཡེམ་དང་བཀྱིག་སློང་(绑架)ལ་སོགས་པ་མི་ལུས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་རང་བཞིན་ཅན་གྱི་སྦྱོར་བ་བཤམས་པའམ་ལས་ལ་འཇུག་བཞིན་པའི་སྐབས་སུ་གནོད་པ་ཐེབས་མཁན་གྱིས་རང་སྲུང་གི་ཆེད་དུ་ཕ་རོལ་སྦྱོར་བ་བོ་རྨས་བསད་བྱས་ཚེ། དེ་ནི་ཚད་ལས་བརྒལ་བའི་རང་སྲུང་མིན་པས་ཉེས་ འགན་ འཁུར་མི་དགོས་ ཞེས་གཏན་དབབ་བྱས་ཡོད། ཁྲིམས་ཡིག་དེའི་ནང་དོན་ནི། རང་ལ་མི་གཞན་གྱིས་བསམ་བཞིན་དུ་གནོད་པ་བྱས་ན་རང་སྲུང་གི་ཆེད་དུ་རང་གིས་གནོད་པ་བྱེད་མཁན་དེ་ལ་རྡེག་ནས་བསད་རྨས་བྱུང་ན་འགན་ཁུར་མེད་པའི་ནང་དོན་ཡིན། ཉེས་ཁྲིམས་ཀྱི་ལམ་ལུགས་དེ་ལ་ཚུལ་མཐུན་རང་སྲུང་ཟེར། དཔེར་ན། མི་གཞན་གྱིས་རང་གི་བྱིས་པ་བརྐུ་བའི་སྐབས་སུ་བདག་པོས་བརྐུ་མཁན་ལ་རྡུང་རྡེག་བཏང་སྟེ་བསད་རྨས་བྱུང་ན་དེ་ལ་འགན་ཁུར་མེད་པ་ལྟ་བུ་ཡིན། དེ་བཞིན་དུ་བཙན་གཡེམ་བྱེད་མཁན་ལ་བཙན་གཡེམ་བྱེད་པའི་སྐབས་ཐོག་ཏུ་རྡུང་ནས་བསད་རྨས་བྱུང་ཚེ་རྡུང་མཁན་གྱིས་འགན་ཁུར་མི་དགོས། དེའི་རྒྱུ་མཚན་གྱིས་གཞན་ལ་རྡེག་པ་ནི་རང་གཞན་གཉིས་ཆ་ལ་མཚོན་ན་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པས་སྤང་དགོས། གནོད་པ་ཐེབས་མཁན་གྱིས་ཀྱང་རང་ཉིད་ལ་གནོད་པ་ཐེབས་བཞིན་པའི་སྐབས་ཐོག་ཏུ་བག་འཁུམ་ནས་མི་འདུག་པར་ཕར་རྡེག་ནས་ནག་ཉེས་མཚམས་གཅོད་པའི་གོ་སྐབས་ཡོད་ན་གཞན་ལ་རྡེག་ནས་རང་སྲུང་བྱེད་པ་ནི་ཁྲིམས་མཐུན་ཡིན་པ་ཤེས་དགོས།

《中华人民共和国刑法》第二十条 为了使国家、公共利益、本人或者他人的人身、财产和其他权利免受正在进行的不法侵害,而采取的制止不法侵害的行为,对不法侵害人造成损害的,属于正当防卫,不负刑事责任。

正当防卫明显超过必要限度造成重大损害的,应当负刑事责任,但是应当减轻或者免除处罚。

对正在进行行凶、杀人、抢劫、强奸、绑架以及其他严重危及人身安全的暴力犯罪,采取防卫行为,造成不法侵害人伤亡的,不属于防卫过当,不负刑事责任。