༡ གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་།

རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དར་སྤེལ་ལས་དོན་སྔར་ལས་འབུར་དུ་ཐོན་པའི་སྒོ་ནས་གཙིགས་སུ་བཟུང་སྟེ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་རྒྱུ།

༄ །གྲངས་ཉུང་མི་རིགས་ལ་འདྲ་མཉམ་གྱི་སྒོ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལས་དོན་ལ་དོ་དམ་མཉམ་ཞུགས་བྱེད་པའི་ཐོབ་ཐང་ ཁག་ཐེག་བྱེད་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་སྲིད་ཞུགས་དང་སྲིད་གླེང་གི་ནུས་པ་མཐོར་འདེགས་བྱེད་པ། རྒྱལ་ཁབ་དབུས་གཞུང་དང་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས། སྲིད་འཛིན་ལས་ཁུངས་དང་ཁྲིམས་

བཤེར་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་བཅས་སུ་གྲངས་ཉུང་མི་རིགས་ཀྱི་ལས་མིའི་གྲངས་ཀ་ངེས་ཅན་ཡོད་པར་ཁག་ཐེག་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་གཞུང་ཞབས་པའི་སྡེ་ཁག་འཛུགས་བསྐྲུན་བྱེད་པ་སྲ་བརྟན་བྱས་ཏེ། གྲངས་ཉུང་མི་རིགས་ལ་གཞུང་ཞབས་པའི་སྡེར་གཏོགས་ཀྱི་རྒྱུགས་སྤྲོད་ལ་ཆ་རྐྱེན་གུ་ཡངས་སྤྲོད་པ།

༄། གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དར་སྤེལ་ཐོབ་ཐང་ཁག་ཐེག་བྱེད་པ། གྲངས་ཉུང་མི་རིགས་ལས་དོན་དར་སྤེལ་ལ་སྐུལ་འདེད་བྱས་ཏེ། ནོར་སྲིད་ཀྱི་དངུལ་སྒོར་འབོར་ཆེན་གཏོང་བ་དང་། དངུལ་རྐང་གིས་རྒྱབ་སྐྱོར་བྱས་ཏེ་རྨང་གཞིའི་འཛུགས་བསྐྲུན་ཡོ་བྱད་ལེགས་བཅོས་བྱེད་པ། མི་རིགས་ས་ཁུལ་གྱི་ཕུལ་བྱུང་ལས་རིགས་དང་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ལས་རིགས་ལ་རྒྱབ་སྐྱོར་བྱས་ཏེ། ༢༠༢༠་ལོའི་ཚུན་ལ་མི་རིགས་ས་ཁུལ་ནས་ལྟོས་མེད་དབུལ་ཕོངས་རྩ་བ་ཉིད་ནས་སེལ་བའམ་རྩ་བ་དྲུང་འབྱིན་བྱེད་པ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཚད་རིམ་གཙོ་གྲངས་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གྲངས་ལས་མཐོ་བར་འགྱུར་བ་ལ་མུ་མཐུད་དུ་ཤུགས་འདེད་བྱེད་པ།

༄། གྲངས་ཉུང་མི་རིགས་ཀྱིས་འདྲ་མཉམ་གྱི་སྒོ་ནས་སྤྱི་མཐུན་ཞབས་ཞུ་ལོངས་སུ་སྤྱོད་པའི་ཐོབ་ཐང་ལ་ཁག་ཐེག་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཞབས་ཞུའི་ཐོན་ཁུངས་མི་རིགས་རང་སྐྱོང་ས་ཁུལ་དུ་མངོན་པར་ཕྱོགས་པ་ལ་སྐུལ་འདེད་བྱེད་པ། ཞིང་ཆེན་དང་ལྗོངས་བརྒྱུད་ཀྱི་ཆ་འགྲིག་རོགས་སྐྱོར་དང་དབུལ་སྐྱོབ་ཀྱི་ལས་དོན་འཐུས་ཚང་དུ་བཏང་སྟེ་མི་རིགས་རང་སྐྱོང་ས་ཁུལ་གྱི་ཞིང་གྲོང་ཡུལ་མིའི་ཡོང་སྒོ་དང་། འོས་འགན་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་ཁག་ཐེག་བཅས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཞན་པའི་ཧེ་བག་དེ་ཉུང་དུ་གཏོང་བ།

༄། གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ཐོབ་པའི་ཐོབ་ཐང་ལ་ཁག་ཐེག་བྱེད་པ། སྤྱི་སྤྱོད་སློབ་གསོའི་ཐོན་ཁུངས་མུ་མཐུད་དུ་མི་རིགས་ས་ཁུལ་ལ་མངོན་པར་ཕྱོགས་པ་ལ་སྐུལ་འདེད་བྱས་ཏེ། སློབ་གསོ་ཆ་འགྲིག་རོགས་སྐྱོར་གྱི་ལས་དོན་གཏིང་ཇེ་ཟབ་དུ་འདེད་པ། མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་དུ་འཛུགས་བསྐྲུན་བྱེད་པ་ལ་རོགས་སྐྱོར་བྱས་ཏེ། ༢༠༢༠་ལོའི་ཚུན་ལ་རྫོང་རིམ་པའི་ས་ཁོངས་སུ་འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་དར་སྤེལ་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པ། མི་རིགས་ས་ཁུལ་ལ་ཞིང་འབྲོག་དགེ་རྒན་སྐྱེལ་འདྲེན་བྱེད་པ་དང་། ཤར་ཕྱོགས་དང་དབུས་ཕྱོགས་ཞིང་ཆེན་ཁག་གི་ལས་རིགས་སློབ་གྲྭས་མི་རིགས་ས་ཁུལ་གྱི་སློབ་མ་སྡུད་ལེན་བྱེད་པའི་གྲངས་ཚད་འོས་འཚམ་གྱིས་མང་དུ་གཏོང་བ་དང་། ནང་ལོགས་ཀྱི་མི་རིགས་འཛིན་གྲྭ་མུ་མཐུད་དུ་ལེགས་སྒྲུབ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་པ་སྣ་ཚོགས་བསྐྱེད་བསྲིང་དང་བཀོལ་སྤྱོད་བྱེད་པར་གཙིགས་སུ་འཛིན་པ།

༄།གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱས་ཏེ། མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་ལ་ཤུགས་སྣོན་བྱེད་པ། གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་ཐོབ་ཐང་ལ་ཁག་ཐེག་བྱེད་པ།

༄། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོབ་ཐང་ཁག་ཐེག་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་ཉམས་གསོ། ལེགས་སྒྲིག་དང་པར་བསྐྲུན། ཞིབ་འཇུག མྱུར་སྐྱོབ་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་པ། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་བཟོ་སྒྲིག་ལ་ཤུགས་བསྣན་ཏེ། རིགས་སོ་སོའི་མི་རིགས་ཀྱི་རིག་གནས་འབྲེལ་འདྲིས་དང་གསར་བཏོད་མཚོན་པའི་བརྗོད་བྱ་དང་བརྗོད་གཞི་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་ཚད་རིམ་ཤུགས་ཆེ་རུ་གཏོང་རྒྱུ།

༄།གྲོང་ཁྱེར་མི་རིགས་ལས་དོན་སྲོལ་ཡིག་འཕར་བཅོས་བྱས་ནས་གྲོང་ཁྱེར་ནང་གི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ།

མཆན།

ཡོངས་ཁུངས།  http://www.scio.gov.cn/wz/Document/1492804/1492804.htm