ཉེས་དོན་གཏུག་བཤེར་ཁྲིམས་ལུགས་སྐོར་གྱི་རྒྱུན་བཀོལ་བརྡ་ཆད་དང་ཐ་སྙད་གསེད་བཀྲོལ།

བརྩད་གཅོད་། སྤྱི་བདེ་དང་ཞིབ་དཔྱོད་ལས་ཁུངས་། དམག་སྡེའི་བདེ་སྲུང་ལས་

ཁུངས་སོགས་ཀྱིས་་ཁྲིམས་ལྟར་དྲག་ཤུལ་ཐབས་ཚུལ་སོགས་ལ་བརྟེན་ནས་གྱོད་གཞིའི་གནས་ཚུལ་རྒྱུས་ལོན་དང་བརྩད་གཅོད་བྱེད་པ་ལ་གོ

ཞུ་གཏུག་ཞིབ་བཤེར། ཞིབ་དཔྱོད་ལས་ཁུངས་ཀྱིས་བརྩད་གཅོད་མཇུག་རྫོགས་ཤིང་གཞུང་གཏུག་བྱེད་དགོས་བའི་ཞུ་ཡིག་ལ་ཞིབ་བཤེར་བྱས་སྟེ་གཞུང་གཏུག་བྱེད་མིན་ཐག་གཅོད་པའི་བརྒྱུད་རིམ་དེ་ལ་ཟེར།
ཞིབ་དཔྱོད་། ཁྲིམས་འཛིན་ལས་ཁང་སོགས་ཀྱིས་ཁྲིམས་ལུགས་ཁྲིམས་ལྟར་དང་ལེན་བྱེད་མིན་ལ་ལྟ་རྟོགས་བྱེད་པའི་ལས་ཁང་དང་གཞུག་གི་ཚབ་བྱས་ནས་ནག་ཉེས་བདའ་འདེད་བྱེད་པའི་ལས་ཁང་།
ཁྲིམས་བཤེར།། ཁྲིམས་ཁང་གིས་དོ་བདག་མཉམ་ཞུགས་འོག་ཁྲིམས་ལྟར་ཉེས་དོན་ཁྲིམས་བཤེར་བྱས་ནས་ཉེས་ཅན་ལ་ཆད་གཅོད་དང་ཉེས་མེད་དཀར་འདོན་བྱེད་པའི་ལས།
ཉེས་དོགས་པ། བརྩད་གཅོད་ལས་ཁུངས་ཀྱིས་བརྩད་གཅོད་བྱེད་སྐབས་བྱས་ཉེས་སམ་ནག་ཉེས་ལ་དོགས་པ་ཟ་བའི་གང་ཟག་ལ་གོ
བཀག་ཉར། སྤྱི་བདེ་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་བརྩད་གཅོད་ཀྱི་སྐབས་སུ་འཕྲད་པའི་ཛ་དྲག་གི་གནས་ཚུལ་འོག་དང་། ནག་ཉེས་བྱེད་བཞིན་པའི་གང་ཟག་དང་དོགས་གཞི་ཆེ་བའི་མི་སྣ་འཕྲད་དུ་བཟུང་བཀྱིག་བྱེད་པའི་ཐབས་ཚུལ་ལ་གོ
འཛིན་བཟུང་། འཛིན་བཟུང་ཞེས་བ་ནི་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་ཅན་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ལ་བརྩད་གཅོད་དང་ཁྲིམས་བཤེར་བདེ་བླག་ཡོང་ཆེད་དང་སྤྱི་ཚོགས་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ་ཁྲིམས་ལྟར་འགྲོ་འདུག་གི་རང་དབང་ཆད་འཛིན་བྱས་ནས་དུས་ཡུན་ངེས་ཅན་ནང་བཀག་བཀྱིག་བྱས་བའི་དྲག་ཤུལ་ཐབས་ཚུལ་ལ་གོ
ཉེས་མེད་ཅོག་བཞག གང་ཟག་སུ་དང་སུ་ཡིན་རུང་ཁྲིམས་ཁང་གིས་མཐར་ཐུག་གི་ཉེས་ལྡན་ཁྲིམས་ཐག་བཅད་ན་མ་གཏོགས་ཉེས་ཅན་དུ་ལྟ་མི་ཆོག་པའི་རྩ་དོན། ཉེས་མེད་ཅོག་བཞག་གི་རྩ་དོན་ཡང་ཟེར།
ཕྱིར་འབུད་དང་ཕྱིར་ཕུད ཁྲིམས་འཛིན་མི་སྣ་རང་ངོས་ནས་གྱོད་གཞི་ལ་ཁེ་གྱོང་གི་འབྲེལ་བའམ་དམིགས་བསལ་གྱི་འབྲེལ་བ་ཡོད་ན་བརྩད་གཅོད་ད་ཞིབ་བཤེར་དང་ཁྲིམས་གཅོད་དང་བརྟག་དཔྱད་སོགས་ཀྱི་་ལས་ལ་མི་འཇུག་པར་རང་ངོས་ནས་ཕྱིར་འབུད་ཞུ་དགོས་བའམ་འབྲེལ་་་ཡོད་འགན་འཛིན་གྱིས་ཕྱིར་འབུད་གཏོང་དགོས་བའིགིརྩ་དོན་ཞིག་ལ་གོ་དགོས།
༡༠ དག་སེལ་ཐོབ་ཐང་། ཉེས་བ་དོགས་གཞི་མི་སྣ་དང་གྱོད་ཡ་ལ་གཞུང་དང་སྒེར་གྱིས་ཉེས་འཛུགས་བྱས་ཚེ་དེ་ལ་རྩོད་སྒྲུབ་དང་།ཉེས་མེད་ཉེས་ཡང་ཡིན་པའི་དཔང་རྟགས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་དང་ལམ་ལུགས་ཤིག་ལ་ཟེར།
༡༡ འདྲི་རྩད། བརྩད་གཅོད་མི་སྣ་ཡིས་ཉེས་ཅན་དོགས་གཞི་མི་སྣར་ཉེས་དོན་གྱོད་གཞི་སྐོར་ལ་སྐད་ཆ་འདྲི་རྩད་བྱས་ནས་གྱོད་གཞི་བརྩད་གཅོད་བྱེད་པའི་བྱེད་ཐབས་ཤིག་ཡིན།
༡༢ དྲག་ཤུལ་ཐབས་ཚུལ། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་དོན་གཏུག་བཤེར་གྱི་བརྒྱུད་རིམ་ཁྲོད་དུ་དགོས་མཁོ་དང་ཁྲིམས་ལུགས་ལྟར་ཉེས་དོན་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ཀྱི་འགྲོ་འདུག་གི་རང་དབང་དུས་ངེས་ཅན་ནང་བཀག་སྡོམ་དང་ཚད་འཛིན་བྱེད་པའི་་་ཐབས་ཚུལ་ལ་གོ
༡༣ བཙན་འགུགས། སྤྱི་བདེ་དངཁྲིམས་འཛིན་ལས་ཁུངས་ཀྱིས་བཀག་ཉར་མ་བྱས་བའི་ཉེས་ཅན་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ལ་འབོད་བརྡ་གཏོང་བའམ་བཙན་གྱིས་ས་གནས་ངེས་ཅན་ལ་ཁྲིད་ནས་འདྲི་རྩད་བྱེད་པའི་ཐབས་ཚུལ།
༡༤ གཏའ་གྲོལ། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་བ་དོགས་གཞི་མི་སྣ་དང་གྱོད་ཡས་མཁོ་སྤྲོད་བྱས་བའི་དངུལ་སྒོར་དང་གཏའ་མིའི་ཁག་ཐེག་ལ་བརྟེན་ནས་དོགས་གཞི་མི་སྣ་དང་གྱོད་ཡ་བཀག་ཉར་མི་བྱེད་པར་དུས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་བཀའ་འགུགས་ལྟར་ཡོང་ཐུབ་པར་ཁག་ཐེག་བྱེད་པའི་ཐབས་ཚུལ།
༡༥ བསྡོད་གནས་ལྟ་རྟོག སྤྱི་བདེ་དངཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་ཅན་དོགས་གཞི་བ་དང་གྱོད་ཡ་སོ་སོའི་་གནས་ཡུལ་དང་གཏན་ཏུ་འཁེལ་བའི་བསྡོ་གནས་ནས་ཆོག་མཆན་མ་ཐོབ་པར་ཡུལ་གཞན་ལ་འགྲོ་མི་ཆོག་ཅིང་དེའི་བྱ་བྱེད་ལ་ལྟ་རྟོག་བྱེད་པའི་དྲག་ཤུལ་ཐབས་ཚུལ་ཞིག་ལ་གོ
༡༦ བརྡ་བསྐྱལ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཐབས་ལམ་ངེས་ཅན་བརྒྱུད་ནས་གྱོད་འབྲེལ་གཞུང་ཡིག་འབྲེལ་ཐོགས་མི་སྣའི་ལག་ཏུ་སོན་པར་བྱེད་པ་ལ་གོ
༡༧ གྱོད་གཞི་དང་ལེན། སྤྱི་བདེ་དངཁྲིམས་འཛིན་ལས་ཁུངས་ཀྱིས་གནོད་འཚེ་ཕོག་མཁན་གྱི་ཞུ་གཏུག་དང་ཉེས་དོགས་པའི་མགོ་འདོགས་སོགས་ལ་ཞིབ་བཤེར་བྱས་རྗེས་གྱོད་གཞི་དང་ལེན་བྱས་ཏེ་བརྩད་གཅོད་དང་ཁྲིམས་བཤེར་་བྱེད་མིན་སོགས་ཐག་གཅོད་པའི་ལས་ལཟེར།
༡༨ སྒེར་གྱིས་ཉེས་འཛུགས། གནོད་འཚེ་ཕོག་མཁན་དང་དེའི་ཁྲིམས་མཐུན་འཐུས་ཚབ་སོགས་ཀྱིས་་སྤྱི་བདེ་ཁྲིམས་འཛིན་ལས་ཁུངས་ལ་ནག་ཉེས་བྱེད་མཁན་གཏུག་སྟེ་དེའི་ཉེས་འགན་བདའ་འདེད་བྱེད་དགོས་བའི་ཞུ་བ་ལ་གོ
༡༩ འགན་གཏུག གནོད་འཚེ་ཕོག་མཁན་མ་ཡིན་པའི་གང་ཟག་གིས་ཉེས་ཅན་དང་ཉེས་དོགས་མི་སྣ་ཚོར་ཏེ་མི་སེར་གྱི་འོས་འགན་གྱིས་བསྐུལ་ནས་ཁྲིམས་འཛིན་ལས་ཁུངས་ལ་བྱས་ཉས་དང་འབྲེལ་བའི་་གནས་ཚུལ་ཞུ་གཏུག་བྱེད་པ་ལ་ཟེར།
༢༠ བསྔོག་བཤེར། བརྩད་གཅོད་མི་སྣས་བྱས་ཉེས་ཀྱི་དཔང་རྟགས་འཚོལ་བསྡུད་བྱེད་ཆེད་འབྲེལ་ཡོད་མི་སྣའི་ལུས་དང་གནས་ཁང་དང་དངོས་རྫས་སོགས་ལ་བསྔོག་བཤེར་བྱེད་པ་དེ་ལ་གོ
༢༡ དཔྱད་གྲོལ། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཆེད་ལས་མི་སྣ་གདན་དྲངས་ནས་གྱོད་གཞི་དང་འབྲེལ་བའི་གནད་དོན་དང་དཔང་རྟགས་ལ་ཚན་རིག་གི་ཐབས་ལམ་གྱིས་དཔྱད་པ་གཏོང་བ་དང་གདིང་གྲོལ་བྱེད་པའི་ལས་ལ་གོ
༢༢ འཛིན་བརྡ། སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱེད་དགོས་པའི་བྲོས་བྱོལ་མི་སྣར་འཛིན་བརྡ་སྤེལ་ནས་འཛིན་ཐབས་བྱེད་པ་ལ་གོ
༢༣ གཞུང་གཏུག གཞུང་གཏུག་གི་དབང་ཆ་ཡོད་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཁྲིམས་ཁང་ལ་གྱོད་ཡ་ཉེས་་་་འཛུགས་བྱས་ཏེ་ཁྲིམས་ཆད་གཅོད་དགོས་ཞེས་ཞུ་གཏུག་བྱེད་པའི་ལས་ལ་གོ
༢༤ གཞུང་གཏུག་ཞུ་བ། མི་མང་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་མི་མང་ཁྲིམས་ཁང་ནས་གྱོད་ཡ་ལ་ཉེས་འཛུགས་བྱེད་པ་དང་་་དེའི་ཉེས་འགན་བདའ་འདེད་བྱེད་པའི་ལས་ལ་གོ
༢༥ ཞུ་གཏུག་མི་བྱེད་པ། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་ཞུ་གཏུག་ཡིག་ཆ་དང་རང་ཉིད་ཀྱིས་བརྩད་གཅོད་བྱས་པའི་ཡིག་ཆ་རྣམས་ལ་ཞིབ་བཤེར་བྱས་རྗེས་ཉེས་དོགས་པར་བདའ་འདེད་མི་བྱེད་པའི་ཁྲིམས་མཐུན་གྱི་ཆ་རྐྱེན་ཚང་བའམ་བྱས་ཉེས་ཆག་ཡང་བྱེད་འོས་བ། དཔང་རྟགས་འཐུས་ཚང་མ་ཡིན་པའི་ཆ་རྐྱེན་གྱིས་ཁྲིམས་ཁང་ལ་ཞུ་གཏུག་མི་བྱེད་པའི་ཐག་ཆོད་ཅིག་ལ་གོ
༢༦ ཁྲིམས་བཤེར། ཁྲིམས་ཁང་གིས་ཁྲིམས་ར་བརྒྱུད་ཏེ་ཉེས་འཛུགས་པ་དང་དག་སེལ་པ་སོགས་ཀྱི་མཉམ་ཞུགས་འོག་གྱོད་གཞི་དང་དཔང་རྟགས་ལ་བརྟག་དཔྱད་དང་བརྡར་ཤ་བཅད་དེ་ཁྲིམས་བཤེར་བྱེད་པའི་ལས་ལ་གོ
༢༧ ཁྲིམས་གཅོད། ཁྲིམས་ཁང་གིས་ཉེས་དོན་གྱོད་གཞི་ལ་ཁྲིམས་བཤེར་དང་འཁྲུན་ཐག་གཅོད་པའི་ལས་ལ་གོ
༢༨ ཁྲིམས་དཔོན་གཅིག་གི་ཁྲིམས་རའམ་བསེ་རུ་ཁྲིམས་ར། ཁྲིམས་དཔོན་གཅིག་ཁྲིམས་བཤེར་ལ་ཞུགས་པའི་ཁྲིམས་ར་ལ་ཟེར།
༢༩ སྣ་འདུས་ཁྲིམས་ར། ཁྲིམས་དཔོན་དང་མི་མང་ཁྲིམས་བཤེར་བ་གསུམ་མམ་ཡན་ཆད་ཁྲིམས་རར་མཉམ་ཞུགས་ངང་ཁྲིམས་བཤེར་བྱེད་པའི་ཁྲིམས་ར།
༣༠ ཁྲིམས་རའི་རྩོད་པ། ཁྲིམས་དཔོན་གྱིས་དབུ་མཛད་འོག་གཞུང་གཏུག་པ་དང་དག་སེལ་པས་དཔང་རྟགས་དང་གྱོད་གཞི་ཐད་རྩོད་སྒྲུབ་བྱེད་པའི་ལས།
༣༡ གྲོས་བསྡུར། སྣ་འདུས་ཁྲིམས་རའི་ཁྲིམས་དཔོན་རྣམ་པས་ཁྲིམས་རའི་ཁྲིམས་བཤེར་གནས་ཚུལ་ལ་གྲོས་བསྡུར་དང་།ཁྲིམས་བཤེར་བརྒྱུད་ནས་མངོན་ཏུ་གསལ་བའི་གནས་ཚུལ་ལ་གཞིར་བཞག་བྱས་ཏེ་གྱོད་གཞི་ལ་འཁྲུན་གཅོད་བྱེད་པའི་ལས།
༣༢ ཉེས་དོན་ཁྲིམས་་བཅད། དངོས་གཞིའི་གནད་དོན་ཐད་ཁྲིམས་ཁང་གི་གྱོད་ཡ་ཉེས་བ་ཡོད་མེད་ཐག་བཅད་པ་དེ་ལ་ཟེར།
༣༣ ཉེས་དོན་བཅད་ཁྲའམ་རྒྱས་བཅད། ཁྲིམས་ཁང་གི་གཏུག་ཞུ་བརྒྱུད་རིམ་གྱི་ཁྲོད་གནད་དོན་སེལ་ཕྱིར་ཐག་བཅད་པའི་འཁྲུན་ཆོད་ལ་ཟེར།
༣༤ སྒེར་གཏུག གནོད་འཚེ་ཕོག་མཁན་དང་དེའི་ཁྲིམས་མཐུན་ཚབ་མིས་གྱོད་ཡའི་བྱས་ཉེས་བདའ་འདེད་བྱེད་ཆེད་ཁྲིམས་ཁང་ལ་སྒེར་གྱི་ངོས་ནས་ཞུ་གཏུག་བྱེད་པ་ལ་ཟེར།
༣༥ ཐེངས་གཉིས་བའི་ཁྲིམས་བཤེར་བརྒྱུད་རིམ། གོང་རིམ་ཁྲིམས་ཁང་གིས་དོ་བདག་གི་གོང་གཏུག་དང་ཞིབ་དཔྱོད་ལས་ཁུངས་ཀྱི་རྒོལ་གཏུག་ལ་བརྟེན་ནས་ཁྲིམས་ཁང་འོག་མའི་ཁྲིམས་ནུས་མ་ཐོན་པའི་ཁྲིམས་བཅད་དང་རྒྱས་བཅད་ལ་ཡང་བསྐྱར་ཁྲིམས་བཤེར་བྱེད་པའི་བརྒྱུད་རིམ་དེ་ལ་ཟེར
༣༦ གོང་གཏུག དོ་བདག་གིས་ཁྲིམས་ཁང་དང་བོའི་ཁྲིམས་བཤེར་གྱི་འཁྲུན་ཆོད་ལ་ཡིད་འཐད་མ་བྱུང་བར་ཁྲིམས་ལྟར་ཁྲིམས་ཁང་དང་བོའི་་གོང་རིམ་ཁྲིམས་ཁང་ལ་ཡང་བསྐྱར་ཁྲིམས་བཤེར་ཞུ་བའི་ལས་ལ་ཟེར།
༣༧ རྒོལ་གཏུག ས་གནས་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ཉིད་དང་རིམ་པ་མཉམ་པའི་ཁྲིམས་ཁང་གི་ཁྲིམས་བཤེར་ཐོག་མའི་ཁྲིམས་བཅད་ལ་ནོར་འཁྲུལ་ཡོད་པར་བསམ་སྟེ་ཁྲིམས་མཐུན་གྱི་དུས་ཡུན་ནང་དེའི་ཁྲིམས་ཁང་གོང་མར་ངོ་རྒོལ་གྱི་ཚུལ་དུ་ཞུ་གཏུག་་བྱེད་པའི་ལས་ལ་རྒོལ་གཏུག་ཟེར།
༣༨ ཡིག་ཐོག་གི་ཁྲིམས་བཤེར། དོ་བདག་་ཁྲིམས་རར་ཡོང་མ་དགོས་བར་ཁྲིམས་དཔོན་རྣམ་པས་ཁྲིམས་ཁང་འོག་མའི་ཡིག་ཆ་དང་དཔང་རྟགས་ལ་བརྟེན་ནས་ཁྲིམས་བཤེར་བྱེད་པའི་ལམ་ལུགས།
༣༩ སྲོག་ཆད་བསྐྱར་བཤེར་གྱི་བརྒྱུད་རིམ། མི་མང་ཁྲིམས་ཁང་གིས་སྲོག་ཆད་བཅད་པའི་གྱོད་གཞི་ལ་བསྐྱར་ཞིབ་དང་ཆོག་མཆན་སོགས་འགོད་པའི་དམིགས་བསལ་ཁྲིམས་བཤེར་གྱི་བརྒྱུད་རིམ་ཞིག་ལ་གོ
༤༠ ཡང་བཤེར་གྱི་བརྒྱུད་རིམ། ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ཐག་བཅད་ཟིན་ཅིང་ཁྲིམས་ནུས་ཐོན་ཟིན་པའི་འཁྲུན་ཆོད་ལ་དོན་་དངོས་ངོས་འཛིན་གྱི་ནོར་འཁྲུལ་དང་ཁྲིམས་ལུགས་ལུང་འདྲེན་གྱི་ནོར་འཁྲུལ་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁྲིམས་ལྟར་ཡང་ཁྲིམས་བཤེར་བྱས་ནས་ཡོ་བསྲང་བྱེད་པའི་བརྒྱུད་རིམ་ལ་ཟེར།

ཉེས་དོན་ཞུ་གཏུག་གི་ཁྲིམས་ལུགས་ཀྱི་མིང་ཚིག་རེའུ་མིག

(Tibetan) 中文 English
ཀུན་གསལ་ཁྲིམས་ར། 公开法庭  open court
ལྐོག་གྱུར་ཁྲིམས་ར། 非公开法庭 closed court
བཀག་ཡིག 限制令 regulatory

document

བསྐྱར་བཤེར། 复议 review (reconsider a decision)
ཁས་ལེན། 供认有罪 confess to a crime
ཁས་ལེན། 认罪/不认罪  plead guilty/not guilty
ཁྱིམ་བཙོན། 在家监禁  home detention
ཁྲིམས། 法律 law
ཁྲིམས་ཀྱི་འཐུས་ཚབ། 法律代表 legal representation
ཁྲིམས་ཀྱི་འགྲེལ་བཤད། 诠释法律 interpret the law
ཁྲིམས་ཀྱི་རོགས་རམ། 法律援助 legal aid
ཁྲིམས་གཅོད་ཁྲིམས་བཤེར། 庭审;审判;审讯 trial
ཁྲིམས་ཆད་འགྱང་ཁུར། 缓刑 suspended sentence
ཁྲིམས་ཐུན་མོང་། 普通法 common law (case law)
ཁྲིམས་དཔོན། 法官 judge
ཁྲིམས་བཟོ། 立法 legislation
ཁྲིམས་བཤེར་དུ་བསྡད་པའམ་ཞུ་བཞེས། 受审 stand trial
ཁྲིམས་བཤེར་རམ་ཞུ་བཤེར 审理 hear/try a case
ཁྲིམས་རྩོད་པ། 律师 lawyer
ཁྲིམས་འགལ། 违法 illegal
ཁྲིམས་ར། 法庭 court
ཁྲིམས་རའི་བཀའ 法庭命令 court order
ཁྲིམས་རར་མངོན་པ། 出庭 appear in court
ཁྲིམས་སྲུང་མི་སེར། 守法公民 law-abiding citizen
ཁྲིམས་སྲོལ། 法规 regulation
འཁྲུན་ཆོད། 判决 judgment
འཁྲུན་ཆོད་སྒྲག་པ། 宣判 verdict
འཁྲུལ་བའི་ཁྲིམས་བཅད། 误判 mistrial
གོང་གཏུག 上诉 appeal
གྱོང་མཁན། 害者 victim
གྱོད་གཞི། 案情 facts of the case
གྱོད་བདག 原告 plaintiff (the accuser)
གྱོད་ཡ། 被告 defendant (the accused)
གློད་གྲོལ་ལྟར་སྣང་། 假释 parole
རྒྱུ་མཚན་ལྡན་པའི་ཧེ་བག་ལས་བརྒལ་བའི་དཔང་གིས་ཉེས་ལྡན་ཏུ་འཁྲུན་ཆོད་བཅད་པ། 无可置疑证明有罪 be found guilty beyond a reasonable doubt
སྒེར་གཏུག 自诉 private prosecution
སྒྲིག་ཡིག 规章 rule
ངག་ཐོག 口供 oral statement
དངོས་དཔང་། 目击者 eye-witness
སྔར་གྱི་བྱས་ཉེས། 前科 prior offenses
སྔོན་བཅད། སྔོན་སྲོལ། 先例 precedent
བཅད་ཁྲ་དང་འཁྲུན་ཆོད། 裁决 give a ruling (adjudicate)
ཆད་ཐོ། 罚单 infringement notice; ticket
ཆད་པ། 惩罚 punish
ཆད་པའི་སྒོར། 罚款;罚金 fine
ཆེས་མཐོ་ཁྲིམས་ཁང་། 最高法 Supreme Court / Supreme People’s Court
རྗེས་འདེད། 跟踪 stalking
ཉེན་གཏུག 报警 report to the police
ཉེན་བརྡ། 警告 caution
ཉེས་ཁྲིམས། 刑法 criminal law
ཉེས་ཁྲིམས་ཀྱི་གཞུང་། 刑事法典 criminal code
ཉེས་མཐའ་སེལ་བ། 侦破 solve a case
ཉེས་ཅན། 罪犯;犯人 criminal; offender
ཉེས་ཆད། 刑罚;量刑;判刑 Sentence (impose a penalty)
ཉེས་ལྗིད། 重罪 felony (serious offence)
ཉེན་རྟོགས་པ། 警员; 警察 police officer
ཉེས་དོགས་པ། དོགས་གཞི་བ། 嫌疑犯 suspect
ཉེས་ལྡན། ཉེས་མེད། 判定有罪/无罪 be found guilty/not guilty
ཉེས་མེད་གློད་བཀྲོལ། 无罪释放 acquit
ཉེས་མེད་བཙོན་ཆད། 冤狱 miscarriage of justice
ཉེས་འདོགས། 定罪;论罪 convict
ཉེས་མིང་། 罪名 charge (offence)
ཉེས་འགྱོད 坦白交代 confession
ཉེས་འཛུགས། 指控 press/file/lay charges
ཉེས་ཡང་། 轻罪 misdemeanour (minor offence)
སྙན་གསན་ཞུ་བ། 信访 petition
སྟབས་བདེའི་བརྒྱུད་རིམ། 简易罪;简易程序罪;即决罪 summary offence
གཏའ་གྲོལ། 保释 release on bail
གཞུང་གཏུག་རུང་བའི་བྱས་ཉེས། 可检控罪;

可诉讼罪

indictable offence
དག་སེལ་བ། 辩护人 defender
དམ་བཅའ་ཡི་གེ 宣誓书;担保书 affidavit
དམ་འབུལ། 宣誓 take an oath/affirmation
དོགས་འདྲི། 询问;盘问;质询 interview
འདུམ། 仲裁 arbitration
འདྲི་བརྩད། 侦探 detective
འདྲི་རྩད། 讯问;审讯 interrogate
ནུས་མེད་ཏུ་གཏོང་བ། 撤销 quash
དཔང་བོ། 证人 witness
དཔང་བོའི་སྟེགས་བུ། 证人席 witness box
དཔང་བྱེད་པ། 作证 testify
དཔང་འཚོལ་བསྡུ། 收集证据 gather evidence
དཔང་ཡིག 证词 testimony
ཕལ་ཉེས། 同犯;从犯 accomplice; accessory
བྱས་ཉེས། 犯罪 to commit a crime
བྱས་ཉེས་ཀྱི་ཟིན་ཐོ། 犯罪记录;案底 criminal record
བྱས་ཉེས་སམ་ནག་ཉེས། 罪行 criminal offence
དབང་ཁྱབ། 管辖 jurisdiction
འབོད་འགུགས། 传唤 summon to court (subpoena)
འབྲིང་རིམ་ཁྲིམས་ཁང་། 中级法庭 Middle Court
མི་བསད་གྱོད་གཞི། 杀人(案);他杀(案) homicide
སྨན་གྲོལ། 保外就医 medical parole
གཙོ་ཉེས། 主犯 culprit; principal
བཙོན་ཁང་། 监狱 prison; jail
བཙོན་བཀྱིགས། 监禁;坐牢 be put in jail (imprisoned)
བརྩད་གཅོད། 侦查;调查犯罪 investigate a crime
འཛིན་སྐྱོང་གི་ཁ་བཏད་མི་སྣ། 行政相对人 the་concerned person
འཛིན་སྐྱོང་གི་ཁྲིམས། 行政法 administrative law
འཛིན་སྐྱོང་གི་ཆད་པ། 行政处罚 administrative penalty
འཛིན་སྐྱོང་གི་ཆོག་མཆན། 行政许可 Administrative licensing
འཛིན་སྐྱོང་གི་ཐག་བཅད། 行政行为 Administrative decision
འཛིན་སྐྱོང་གི་དམིགས་བསལ་ཐག་བཅད། 具体行政行为 Specific administrative

act

འཛིན་སྐྱོང་གི་དྲག་ཤུལ་་ཐབས་ཚུལ། 行政强制措施 Administrative coercive

measure

འཛིན་སྐྱོང་གི་ཞུ་གཏུག 行政诉讼 Administrative litigation
འཛིན་སྐྱོང་ནང་ཚགས་ཀྱི་ཆད་པ། 行政处分 Disciplinary་sanction
འཛིན་སྐྱོང་བསྐྱར་བཤེར། 行政复议 administrative review
འཛིན་སྐྱོང་མི་སྣ། 行政人员 Administrative་official
འཛིན་སྐྱོང་ལས་ཁང་། 行政机关 administrative

authority

རྫས་དཔང་། 物证 exhibit
ཞལ་ལྕེའི་སྨན་པ། 法医 forensics
ཞུ་གཏུག 起诉 prosecute (indict)
ཞུ་ཟློག 驳回判决 dismissal of charge
གཞི་རིམ་ཁྲིམས་ཁང་། 地方法庭 Local Court
གཞུང་གཏུག 公诉 public prosecution
གཞུང་གཏུག་པ། 检控官 prosecutor
བཀག་ཉར། 拘留 detain (put in custody)
བཀག་ཉར་གྱི་ཉེན་བརྡ། 对某人发出拘捕令 issue an arrest warrant against a person
ཡིག་ཐོག 笔供 written statement
ཡོ་བསྲང་ཁང་། 管教所;教养院 correctional facilities
ཡོ་བསྲང་། 改造 reform
ར་བཟི་ནས་འཕྲུལ་འཁོར་གཏོང་བ། 酒醉驾驶 drunk driving
རང་ཚབ། 自己代表 represent oneself
ལག་དམར་གྱི་ཡོ་བྱད། 凶器 murder weapon
གསལ་བཤད། 声明;陈述 statement
འཛིན་སྐྱོང་གི་གུན་ཚབ། 行政赔偿 state་compensation