མི་རིགས་ཁྱད་གསོད་ཅེས་བ་ནི་མི་རིགས་དང་གང་ཟག་ཅིག་གི་རིགས་རུས་དང་བྱད་གཟུགས། བདོག་པ་དང་ཆབ་སྲིད་གོ་གནས་སོགས་ལ་དམིགས་ནས་དེར་ཁྱད་གསོད་དང་བརྙས་དམོད་བྱེད་པའམ། ལོགས་སུ་བཀར་ནས་མཐོང་ཆུང་བྱེད་པའི་བྱ་སྤྱོད་ཡིན། དེ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གནོད་འཚེ་བྱས་བའི་བྱ་སྤྱོད་ཅིག་ཡིན རྒྱ་སྐད་ཀྱིས་དེ་ལ་༼民族歧视 ༽ཟེར་ཞིང་དབྱིན་ཇིའི་སྐད་གྱིས་དེ་ལ་༼ discrimination༽ཟེར། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་གསུམ་དང་དེ་ལས་འཕྲོས་བའི་ཁྲིམས་ལུགས་གཞན་དང་འགལ་བའི་བྱ་སྤྱོད་ཡང་ཡིན།

%e0%bd%98%e0%bd%b2%e0%bc%8b%e0%bd%a2%e0%bd%b2%e0%bd%82%e0%bd%a6%e0%bc%8b%e0%bd%a0%e0%bd%91%e0%be%b2%e0%bc%8b%e0%bd%98%e0%bd%89%e0%bd%98%e0%bc%8d%e0%bc%8b%e0%bc%a1

རྒྱ་རིགས་ལ་སྔ་མོ་ནས་ཡོད་པའི་གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱེད་པའི་གོམས་སྲོལ་ངན་པ་དེ་སྔོན་འགོག་བྱེད་ཆེད། རྩ་ཁྲིམས་ཀྱི་དོན་ཚན་གསུམ་པ་དང་བཞི་བ། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༩་བ་བཅས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱ་མི་ཆོག་པའི་གཏན་འཁེལ་བྱས་ཡོད། 

ད་བར་རྒྱ་ཡུལ་གྱི་གྲོང་ཁྱེར་མང་བོ་ཞིག་ན་གནམ་གྲུ་ཐང་དང་མགྲོན་ཁང་སོགས་ཀྱིས་རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་པ་ངོ་རྒོལ་བྱེད་པར་ཁ་གཡར་ནས་རང་རེའི་རིགས་ལ་ཁྱད་གསོད་དང་མཐོང་ཆུང་ཤུགས་དྲག་བྱེད་གིན་ཡོད། དེར་ཁ་གཏད་གཅོག་དགོས་ན་བརྙན་རིས་འདི་ནང་གི་དཔའ་མཛངས་ལྡན་པའི་ཕོ་གསར་དེའི་ཐབས་ཤེས་བེད་སྤྱོད་བྱེད་དགོས་བ་མ་ཟད། གྱོད་གཞི་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ལ་དམིགས་ནས་དཔང་རྟགས་སོགས་བསྡུ་རུབ་བྱས་ཏེ་སྲིད་འཛིན་ཁྲིམས་ལུགས་ཀྱི་གཏུག་བཤེར་རམ་དམངས་དོན་གྱི་གཏུག་བཤེར་དང་ཉེས་དོན་གཏུག་བཤེར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་རང་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།

དཔེར་ན། སྲིད་འཛིན་ལས་ཁུངས་ཞིག་གིས་ཁྱེད་རང་བོད་པ་ཞིག་ཡིན་པ་ལ་དམིགས་ནས་ཁྱད་ཏུ་བསད་པའི་བྱ་སྤྱོད་ཅིག་སྤེལ་བ་ཡིན་ན། དེར་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ལ་བརྟེན་ནས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པའམ་སྲིད་འཛིན་ལས་ཁུངས་དེ་དང་དེའི་གོང་རིམ་ལས་ཁུངས་ལ་སྙན་ཞུ་བྲིས་ནས་སུན་འབྱིན་བྱས་ཏེ་ཁྱེད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས། གལ་སྲིད་ཁྱེད་རང་རྒྱལ་ཁ་ལོན་ན་ཁྱེད་ལ་གཞུང་ཕྱོགས་ཀྱིས་དགོངས་དག་ཞུ་དགོས་བ་དང་། དཔལ་འབྱོར་གྱི་གུན་ཚབ་ཀྱང་སྤྲོད་དགོས་ཞེས་རེ་བ་ཞུ་བ་ཐོབ་ཐང་ཡོད། གནས་ཚུལ་འདི་འདྲའི་འོག་ཏུ་སྲིད་འཛིན་ཁྲིམས་ལུགས་ཀྱི་གཏན་འཁེལ་ལྟར་ཁྱེད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས། གནམ་གྲུ་ཐང་དང་མེ་འཁོར་ས་ཚུགས་སོགས་ཀྱི་ཞིབ་བཤེར་མི་སྣ་ནི་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་ཡིན། ཁོང་ཚོས་གཞུང་དོན་སྒྲུབ་པའི་སྐབས་ཁྱེད་རང་ལ་ཁྱད་གསོད་དང་བརྙས་བཅོས་བྱས་ན། དེ་ལ་ཁ་གཏད་གཅོག་དུས་སྲིད་འཛིན་ནམ་འཛིན་སྐྱོང་སྐོར་གྱི་ཁྲིམས་ལུགས་བཀོལ་དགོས།

ཁྱེད་རང་ལ་མགྲོན་ཁང་དང་ཞབས་ཞུ་ལས་ཁང་། གླ་གཏོང་རླངས་འཁོར་ཁ་ལོ་བ་སོགས་ཀྱིས་བོད་མི་རིགས་ཡིན་པ་རྒྱུ་མཚན་བྱས་ནས་མཐོང་ཆུང་དང་ཁྱད་གསོད་བྱས་ཚེ། དམངས་ཁྲིམས་དང་ཐོབ་ཐང་གནོད་འཚེ་ལ་འགན་ཁུར་བའི་ཁྲིམས་ལུགས་སོགས་ལ་བརྟེན་ནས་མགྲོན་ཁང་དང་ལས་ཁང་། གང་ཟག་སྒེར་བ་བཅས་ལ་དམངས་ཁྲིམས་ཀྱི་སྒོ་ནས་ཁྲིམས་ཁང་དུ་དམངས་དོན་གཏུག་བཤེར་བྱས་ཏེ་མི་ངན་དེ་དག་གི་ཕྱོགས་ནས་དགོངས་དག་དང་གུན་ཚབ་སོགས་བླངས་ན་ཆོག

དེ་ནས་རྒྱལ་ཁབ་ཀྱི་ལས་བྱེད་དང་ཡང་ན་ཚོང་ཚོགས། གང་ཟག་སྒེར་ངོས་ནས་ཁྱེད་རང་བོད་མི་རིགས་ཡིན་པར་ཁྱད་གསོད་བྱས་ཏེ་ལུས་ཕུང་ལ་རྨ་བཟོས་བ་དང་སེམས་ལ་སྡུག་བསྔལ་དང་འཇིགས་སྐྲག་ཚབས་ཆེ་བ་བསླངས་ནས། ཚད་ལས་འདས་བའི་སྒྲོ་འདོགས་དང་སྐུར་བ་བཏབ་ཏེ་ཁྱེད་ལ་བརྙས་བཅོས་བྱས་ན། ཁྱེད་ཀྱིས་ཉེས་ཁྲིམས་ཀྱི་དོན་ཚན་༢༤༦་དང་༢༤༩་སོགས་རྒྱབ་རྟེན་བྱས་ཏེ་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་བརྒྱུད་རིམ་ལྟར་ཉེས་དོན་གྱི་གཏུག་བཤེར་བསླང་ཆོག དེས་མི་ཚད་ཁྱེད་ཀྱིས་ཁྲིམས་འཛིན་ལས་ཁུངས་ཏེ་མི་དམངས་ཞིབ་དཔྱོད་ལས་ཁུངས་དང་། མི་དམངས་ཁྲིམས་ཁང་། སྤྱི་བདེ་ལས་ཁུངས་སོགས་ལ་མི་ངན་དེ་དག་གི་ནག་ཉེས་དང་སྤྱོད་ངན་བདའ་འདེད་བྱེད་དགོས་བའི་སུན་འབྱིན་དང་སྐུལ་སློང་ཡང་ཞུ་ཆོག དེ་ལྟར་བགྱིས་ན་ནག་ཉེས་ཀྱི་གཏེ་བོར་ལྗིད་ན་ལོ་བཅུ་དང་དེའི་མན་གྱི་དུས་ཅན་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་གཅོད་སྲིད། ཁོང་ཚོར་ཡང་བོད་མི་རིགས་ལ་ཁྱད་གསོད་བྱས་ན་ཁྲིམས་ལུགས་ཀྱི་མཇུག་འབྲས་མི་ལེགས་པ་འཁུར་དགོས་བའི་བསླབ་བྱ་ཚ་ནན་ཞིག་ཀྱང་སྤྲོད་ཐུབ། འདི་འདྲའི་གནས་ཚུལ་འོག་ཁྱེད་ཀྱིས་ཉེས་དོན་ཁྲིམས་ལུགས་ལ་བརྟེན་ནས་སོ་སོའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།

༢༠༡༤་ལོའི་ཟླ་༩བ་ནང་རྒྱལ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕུང་གཙོ་ཞུགས་བྱས་ཏེ་ཚོགས་པའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་སྟེང་དུ་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སེམས་ལ་རྨ་ཁ་འཇོག་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཐ་དག་རྩ་བ་ཉིད་ནས་ཚར་གཅོད་དགོས་ཞེས་གྲོས་ཆོད་བཞག་པའི་རྩ་དོན་ལྟར།༼会议指出,改革开放以来,我国进入了各民族跨区域大流动的活跃期,做好城市民族工作越来越重要。对少数民族流动人口,不能采取“关门主义”的态度,也不能采取放任自流的态度,关键是要抓住流入地和流出地的两头对接。要把着力点放在社区,推动建立相互嵌入的社会结构和社区环境,注重保障各民族合法权益,坚决纠正和杜绝歧视或变相歧视少数民族群众、伤害民族感情的言行,引导流入城市的少数民族群众自觉遵守国家法律和城市管理规定,让城市更好接纳少数民族群众,让少数民族群众更好融入城市。༽རྒྱ་རིགས་གཞུང་ཞབས་དང་ལས་མི། གང་ཟག་སྒེར་བཅས་ནས་ང་ཚོར་ཁྱད་གསོད་དང་བརྙས་བཅོས་བྱས་ཚེ་གོང་གི་ཁྲིམས་ལུགས་སྣ་ཚོགས་རྒྱབ་རྟེན་བྱེད་སྐབས། ཚོགས་འདུ་འདིའི་ཆབ་སྲིད་ལམ་སྟོན་རང་བཞིན་ཅན་གྱི་གྲོས་ཆོད་ཀྱང་ལག་ཆར་བསྟེན་ན་ཕན་པ་ལས་གནོད་པ་མེད།