དྲ་ཚིགས་འདི་ཡི་དགོས་པ་རྒྱུ་མཚན།
ད་ལྟ་བོད་མི་བྱིངས་ཙམ་མ་ཡིན་པར་རྒྱ་ནག་གི་འགོ་ཁྲིད་གཙོས་བའི་མི ་སེར་མང་བོས་ཁྲིམས་ལུགས་དང་ཁྲིམས་སྐྱོང་ལ་དོ་ཁུར་སྔར་བས་ཆེ་བ་ ཞིག་བྱེད་ཀྱིན་ཡོད་པ་དེ་ནི་ལྷག་ བསམ་དང་གཞན་ཕན་གྱི་ཀུན་སློང་གི ས་དེད་པ་ཙམ་མ་ཡིན་པར་ཁྲིམས་ཞེས་ བྱ་བ་འདི་ཆེ་ཕྱོགས་ནས་རྗེ་བོའི་ དབང་བསྒྱུར་དང་མཁར་དབང་གི་ཐོབ་ ཐང་། ཆུང་ཕྱོགས་ནས་སོ་སོའི་དཔལ་ འབྱོར་འདུ་འགོད་དང་འགྲོ་འདུག་ ཉལ་ཆགས་བཅས་ཀྱི་ཁེ་ཕན་ལ་དངོས་ཤུ གས་བརྒྱུད་གསུམ་གྱི་འབྲེལ་བ་གཏི ང་ཟབ་ཞིག་ཡོད་པ་དེ་ཤེས་དང་ཤེས་ བཞིན་པའི་བདག་སྲུང་གི་ཀུན་སློང་ གིས་དྲངས་ཏེ་ཁྲིམས་ལུགས་མི་སྦྱོ ང་རང་སྦྱོངས་སུ་ཆགས། ཁྲིམས་ལུགས་ ་ནི་ཁེ་གྱོང་གི་རྩེད་མོ་ཁྲོད་ཀྱི ་བེའུ་བུམ་ཞིག་ཡིན་པས་ཤེས་ན་རང་ གཞན་ལ་ཕན་སྲིད་པ་དང་རྨོངས་ན་དོ ན་གཉིས་ཕུང་བར་བྱེད་སྲིད་པ་ལོ་ རྒྱུས་ཀྱིས་ར་སྤྲོད་བྱས་ཟིན་པས་ འདིར་བསྐྱར་ཏུ་མི་སྤྲོའོ། བོད་ལ་ཆ་མཚོན་ན་སློབ་གསོ་དང་རྒྱུ་མཚན་གང་མང་གིས་དབང་གིས་ད་ལྟ་ བར་དུ་ཁྲིམས་ལ་སྒྲིག་གཞི་ལྡན་ པའི་སྒོ་ནས་དོ་སྣང་བྱས་ཏེ་ཞིབ་ འཇུག་དང་ལག་ལེན་གྱི་འགོ་བརྩམས་ ཐུབ་མེད། དེས་ནི་ང་ཚོའི་ལས་དོན་འཐུས་ཤོར་ཞིག་ཡིན་ཙང་ངོས་ལེན་བྱེད་དགོ ས། ༡༩༨༠གྱ་གྲངས་ནང་གལ་སྲིད་ང་ཚོས་ བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ བྱུས་ནང་ཆོས་དོན་དང་ལྟར་སྣང་གི་ ཆོས་རིག་ཁོ་ནར་མགོ་ཐོམ་ནས་མ་བསྡད་པར་སྐབས་དེའི་ཁྲིམས་ལུགས་གསར་ གཏོད་ཀྱི་འགྲོས་དང་བསྟུན་ནས་ཆོ ས་དོན་ལས་གཞན་པའི་སློབ་གསོ་དང་ དཔལ་འབྱོར་སོགས་ཀྱི་སྐོར་ལ་ ཁྲིམས་ལུགས་ལས་གཞི་གང་འཚམ་ཞིག་ སྐབས་དེའི་ཁྲིམས་ཀྱི་དབང་ཁྱབ་འོ ག་འགོ་བཙུགས་ཡོད་ན། ད་ལྟའི་ བོད་ཀྱི་གནས་སྟངས་མང་བོ་འདི་འདྲ ་ཞིག་ཡིན་རྒྱུ་མ་རེད་སྙམ། ཡིན་ ནའང་ལོ་རྒྱུས་ནི་གང་ཟག་སུ་གང་གི ས་བཟློག་མི་ནུས་བའི་འཕྲུལ་འཁོར་ བཞིན་འདས་ཟིན་པ་རྒྱང་ནས་རྒྱང་ལ་ བསྐྱལ། ལེ་བདའ་ནི་ཐ་མལ་གྱི་ལས་ ཤིག་ཡིན་མོད་འདས་ཟིན་པའི་འཐུས་ ཤོར་ལས་ཉམས་མྱོང་དང་བསླབ་བྱ་ལེ ན་རྒྱུ་མ་གཏོགས་སྡིག་པ་མིག་་་བཙུ མས་ཀྱི་བརྟུལ་ཞུགས་མུ་ནས་བཟུང་ ན་ང་ཚོ་ནམ་ཡང་ལངས་ཐབས་བྲལ། ནུབ་ ཕྱོགས་པའི་ཁ་དཔེར་འཕྱིས་ན་མི་སྐྱོ ན་མེད་ན་སྐྱོན་ཞེས་བ་བཞིན་ང་ཚོ་ ད་ལྟ་ཁྲིམས་ལུགས་ཀྱི་ལམ་ལ་ཆས་ རན། ཁྲིམས་གླེང་ནི་དེང་གི་བརྡ་ འཕྲིན་གྱི་དགེ་མཚན་ལ་བརྟེན་ནས་ ཁྲིམས་ལ་དོ་སྣང་ཡོད་པའི་བོད་ཀྱི ་ཤེས་ཡོན་པ་དག་ཚོགས་ཏེ་ཕྱི་ནང་ གི་ཁྲིམས་རིག་པ་དང་ལྷག་ཏུ་རྒྱ་ ནག་གི་ཁྲིམས་ལ་བརྟེན་ནས་བོད་མིར་ཕན་ཐོགས་ཇི་ལྟར་སྒྲུབ་པའི་ ཐབས་ལམ་གྱི་སྐོར་ལ་བགྲོ་གླེང་བྱེ ད་པར་བསྐྲུན་པའི་དྲ་ས་ཞིག་ཡིན། རི ག་པའི་བཙན་ས་འདི་ནས་ང་ཚོས་མི་རི གས་འདིའི་འདས་ཟིན་པའི་གཟི་བརྗི ད་བསྐྱར་གསོ་དང་མ་འོངས་བར་བདེ་ སྐྱིད་ཀྱི་ལམ་ཀ་ཞིག་བསྐྲུན་ཐུབ་ པར་འབད་བརྩོན་བྱེད་རྒྱུ་ཡིན།