ངའི་མིང་ལ་སྒྲོལ་མ་སྐྱབས་ཟེར། ༡༩༩༢ལོར་ཨ་མདོ་བོད་ཡིག་སློབ་གྲྭ་ཆེན་མོ་ཞིག་ནས་མཐར་ཕྱིན་ཏེ་ཁྲིམས་སྦྱངས་ན་རང་གཞན་གཉིས་ཀ་ལ་ཕན་པར་བསམ་ནས་པེ་ཅིན་གྱི་སྲིད་ཁྲིམས་སློབ་ཆེན་ལ་སོང་སྟེ་ཁྲིམས་སྦྱངས། དེ་ནས་མཐར་ཕྱིན་པའི་རྗེས་སུ་བོད་ཡུལ་ལ་སླར་ལོག་སྟེ་ཁྲིམས་རྩོད་པ་ལས་ཤག་ཅིག་ནས་ཁྲིམས་ལུགས་ཉམས་ལེན་བྱས། ད་ལྟར་ཁྲིམས་ལུགས་ཀྱི་འགྱུར་བ་དང་དེ་ལས་མཆེད་པའིཤན་ཤུགས་ཀྱིས་བོད་མི་མང་གི་ཐོབ་ཐང་དང་་ཁེ་ཕན་ལ་ཕན་གནོད་་གང་གང་བསྐྱེད་པའི་གནད་དང་། བོད་རིགས་ཀྱི་སྐད་ཡིག་ཐོབ་ཐང་འདུས་པའི་རང་སྐྱོང་དབང་ཐང་དང་ཐོབ་ཐང་གི་སྐོར་གཙོ་བོར་བཟུང་སྟེ་ཞིབ་འཇུག་བྱེད་མུས་ཡིན། བོད་མི་རྣམས་ཀྱིས་ཁྲིམས་ལུགས་ལ་བརྟེན་ནས་སྤྱི་དང་སྒེར་གྱི་་ཐོབ་ཐང་ལ་མལ་ཚེ་དང་ལོངས་སུ་སྤྱད་དེ་རང་རིགས་ཀྱི་སྣོད་བཅུད་ཡུན་རིང་བ་དང་བདེ་སྐྱིད་ལྡན་པར་གནས་ཐུབ་པ་ལ་འབད་པ་བྱེད་དགོས་བསམ།